• མདུན་ཤོག
  • ལས་བྱེད་འདེམས་བསྐོ་ལྷན་ཁང་།
    • ངོ་སྤྲོད།
    • འདེམས་བསྐོ་ལྷན་ཚོགས།
    • འདེམས་ལྷན་ལས་བྱེད།
  • ལས་བྱེད་ངོ་བོ་དང་འདེམས་བསྐོ་བྱ་ལམ།
    • སྤྱི་བཏང་ལས་བྱེད།
    • དམིགས་བསལ་བསྐོ་གཞག
    • ཁྱད་ལས་པ།
    • དམིགས་བཀར།
    • ཆོད་གན།
    • འཕྲལ་སེལ།
    • ཞབས་གཡར།
  • སྒྲིག་གཞི་ཁག
    • ལས་བྱེད་འདེམས་སྒྲུག་གི་སྒྲིག་གཞི།
    • ལས་བྱེད་འདེམས་ལྷན་གི་སྒྲིག་གཞི།
    • ཁྱད་ལས་པ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • ཆོད་གན་དུ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • འཕྲལ་ལས་བཀའ་འཁྲོལ་གྱི་སྒྲིག་གཞི།
    • སློབ་སྦྱོང་གུང་སེང་གཏོང་ཕྱོགས་ཀྱི་སྒྲིག་གཞི།
    • ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི།
  • ལས་བྱེད་ཟབ་སྦྱོང་།
    • ལས་བྱེད་གསར་འདེམས་ཟབ་སྦྱོང་།
    • འགོ་ཁྲིད་དང་། འཛིན་སྐྱོང་ཟབ་སྦྱོང་།
    • སྐད་ཡིག་ཟབ་སྦྱོང་།
    • རྩིས་ཀྱི་ཟབ་སྦྱོང་།
  • གནས་སྤར།
    • རྒན་གཞོན་གྲལ་རིམ་གནས་སྤར།
    • སྒེར་གྱི་གནས་སྤར།
  • རྩ་དགོངས་དང་བགྲེས་ཡོལ།
    • རྩ་དགོངས།
    • བགྲེས་ཡོལ་སྔ་བསྣུར།
    • བགྲེས་ཡོལ།
    • རང་བཞིན་གྱིས་བུད་པ།
  • ལེགས་སྐྱེས་དང་གཟེངས་བསྟོད།
    • ཞབས་ལོ་ཉེར་ལྔའི་ལེགས་སྐྱེས།
    • བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན།
འཛིན་སྐྱོང་ཟབ་སྦྱོང་།

ལས་བྱེད་འདེམས་ལྷན་ནས་ལས་དོན་གཟེངས་ཐོན་དང་བདེ་ཐང་ཆེད་ཚུལ་མཐུན་གཤིས་སྤྱོད་བསྟེན་ཚུལ་ཞེས་པའི་སྦྱོང་བརྡར་དབུ་འཛུགས་གནང་།

༢༠༢༤-༠༨-༠༩

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༠༥ ནས་ ༠༩ བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག རྒྱ་གར་ཧར་ཡ་ན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨོ་པི་ཇིན་ཊལ་གཙུག་ལག་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྡེ་ཚན་འགན་འཛིན་དང་། ལས་ཁུངས་དོ་དམ་པའི་ལས་བྱེད་ ༢༥ ལ་ལས་དོན་གཟེངས་ཐོན་དང་བདེ་ཐང་ཆེད་ཚུལ་མཐུན་གཤིས་སྤྱོད་བསྟེན་ཚུལ་ཞེས་པའི་སྦྱོང་བརྡར་དབུ་འཛུགས་གནང་ཡོད།

དེ་ཡང་སྦྱོང་བརྡར་གྱི་དབུ་འབྱེད་མཛད་སྒོའི་ཐོག་གཙུག་ལག་སློབ་གཉེར་ཁང་གི་ལས་འཆར་འགན་འཛིན་ནི་ལག་ཤི་ཅ་ཏུར་བི་ཏི་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས་ཇིན་ཊལ་བསྟི་གནས་ཁང་གི་འགོ་ཁྲིད་དང་འཛིན་སྐྱོང་ཤེས་ཡོན་སྡེ་ཚན་གྱི་ངེས་སྟོན་པ་རྒན་པ་འབུམ་རམས་པ་ར་ཇེཤ་ཀོ་ཅར་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་མཇལ་བའི་གནས་ཚུལ་དྲན་གསོ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ལྷན་ཡུན་རིང་གི་འབྲེལ་བ་ཡོད་པ་མ་ཟད། བསྟི་གནས་ཁང་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མང་པོར་འགོ་ཁྲིད་ནུས་རྩལ་ཀྱི་སྦྱོང་བརྡར་ཕུལ་ཡོད་པ་གསུངས། དེ་དང་འབྲེལ་ཏེ་ཁོང་གིས་ཚོགས་བཅར་བ་རྣམས་ལ་ཐེངས་འདིའི་སྦྱོང་བརྡར་གྱི་བསླབ་གཞི་ཁག་ངོ་སྤྲོད་གནང་ཞིང་། དེའི་ཁོངས་སུ་ནུས་པ་ལྡན་པའི་འབྲེལ་མོལ་འགོ་འཛུགས་སྟངས་དང་། དུས་ཚོད་སྟངས་འཛིན་བྱེད་ཕྱོགས། སྒེར་ཕན་ཚུན་གྱི་རྩོད་རྙོག་སྟངས་འཛིན་བྱེད་སྟངས། ཚོར་སྣང་གི་ཤེས་རབ་སོགས་འཚུད་ཡོད།

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཁོང་མོ་ཕྱི་ལོ་ ༢༠༡༨ ལོར་ཐོག་མར་བསྟི་གནས་ཁང་དུ་ཚོགས་ཞུགས་པའི་ངོ་བོར་བཅར་བའི་མྱོང་ཚོར་དྲན་གསོ་དང་འབྲེལ། ད་ཐེངས་སྦྱོང་བརྡར་གོ་སྒྲིག་པའི་ངོ་བོར་ཕེབས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས། དེ་བཞིན་ཁོང་མོས་ད་ཐེངས་བསྟི་གནས་ཁང་ངོས་ནས་སྒྲིག་འཛུགས་ཀྱི་འབྲེལ་བར་ཆེ་བསྟོད་ཀྱི་ཚུལ་དུ་དམིགས་བསལ་ཆག་ཡང་ཐོག་སྦྱོང་བརྡར་གནང་བར་བསྔགས་བརྗོད་དང་སྦྲགས། སྦྱོང་བརྡར་སྐབས་གལ་ཆེ་ཤོས་ཚོགས་ཞུགས་པ་རྣམས་ཡིན་པས། ཚོགས་ཞུགས་པ་རྣམས་ནས་གོ་སྐབས་དམ་འཛིན་གྱིས་ལས་དོན་གཟེངས་ཐོན་ཡོང་ཐབས་དང་། བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་སུ་འབད་རྩོལ་གནང་དགོས་པའི་ལམ་སྟོན་གནང་།

དེ་རྗེས་ཇིན་ཊལ་བསྟི་གནས་ཁང་གི་འགོ་ཁྲིད་དང་འཛིན་སྐྱོང་ཤེས་ཡོན་སྡེ་ཚན་གྱི་ངེས་སྟོན་པ་སན་ཇེ་རའི་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་ཞུས་པའི་ཐོག ཚོགས་བཅར་བ་རྣམས་ནས་བསླབ་གཞི་ཁག་ལ་དོ་སྣང་ཆེན་པོ་སྦྱང་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་གྲུབ་མཚམས་སྦྱོང་བརྡར་དངོས་སུ་དབུ་འཛུགས་ཞུས་ཡོད་པ་བཅས། །

“]

RELATED POST

ཕྱི་ལོ་ ༢༠༢༣ ཟླ་ ༠༥ ཚེས ༡༥ ནས་ ༢༠ བར་རྒྱ་གར་དབུས་འཛིན་སྐྱོང་ལྟེ་གནས་ཁང་དུ་ས་གནས་འགོ་འཛིན་ལ་དམིགས་བསལ་ཟབ་སྦྱོང་སྒོ་སྒྲིག་ཞུ།

༢༠༢༣-༠༥-༡༦

སྲི་ཞུའི་ལས་བྱེད་རྣམས་ལ་འཛིིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་གི་འདྲ་པར་གསོག་དེབ།

༢༠༢༣-༠༥-༠༤

བཀའ་སློབ་སྙིང་གི་ནོར་བུ།

Community Awareness Program

PAST SAMPLE PAPERS

བོད་ཡིག་དྲི་ཤོག
ཨིན་ཡིག་དྲི་ཤོག
རྩིས་དྲི་ཤོག
དམིགས་བཀར་དྲི་ཤོག

IMPORTANT LINKS

DALAILAMA.COM
BOD.ASIA
TIBET.NET
XIZANG-ZHIYE.ORG
INDIATIBET.NET
TIBETANELECTION.NET

CONTACTS

[email protected]
+321 123 4567
Central Tibetan Administration, Gangchen Kyishong, Dharamshala Cantt, District Kangra, Pin: 176215
2023 Public Service Commission • Privacy Policy • Terms of Service