• མདུན་ཤོག
  • ལས་བྱེད་འདེམས་བསྐོ་ལྷན་ཁང་།
    • ངོ་སྤྲོད།
    • འདེམས་བསྐོ་ལྷན་ཚོགས།
    • འདེམས་ལྷན་ལས་བྱེད།
  • ལས་བྱེད་ངོ་བོ་དང་འདེམས་བསྐོ་བྱ་ལམ།
    • སྤྱི་བཏང་ལས་བྱེད།
    • དམིགས་བསལ་བསྐོ་གཞག
    • ཁྱད་ལས་པ།
    • དམིགས་བཀར།
    • ཆོད་གན།
    • འཕྲལ་སེལ།
    • ཞབས་གཡར།
  • སྒྲིག་གཞི་ཁག
    • ལས་བྱེད་འདེམས་སྒྲུག་གི་སྒྲིག་གཞི།
    • ལས་བྱེད་འདེམས་ལྷན་གི་སྒྲིག་གཞི།
    • ཁྱད་ལས་པ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • ཆོད་གན་དུ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • འཕྲལ་ལས་བཀའ་འཁྲོལ་གྱི་སྒྲིག་གཞི།
    • སློབ་སྦྱོང་གུང་སེང་གཏོང་ཕྱོགས་ཀྱི་སྒྲིག་གཞི།
    • ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི།
  • ལས་བྱེད་ཟབ་སྦྱོང་།
    • ལས་བྱེད་གསར་འདེམས་ཟབ་སྦྱོང་།
    • འགོ་ཁྲིད་དང་། འཛིན་སྐྱོང་ཟབ་སྦྱོང་།
    • སྐད་ཡིག་ཟབ་སྦྱོང་།
    • རྩིས་ཀྱི་ཟབ་སྦྱོང་།
  • གནས་སྤར།
    • རྒན་གཞོན་གྲལ་རིམ་གནས་སྤར།
    • སྒེར་གྱི་གནས་སྤར།
  • རྩ་དགོངས་དང་བགྲེས་ཡོལ།
    • རྩ་དགོངས།
    • བགྲེས་ཡོལ་སྔ་བསྣུར།
    • བགྲེས་ཡོལ།
    • རང་བཞིན་གྱིས་བུད་པ།
  • ལེགས་སྐྱེས་དང་གཟེངས་བསྟོད།
    • ཞབས་ལོ་ཉེར་ལྔའི་ལེགས་སྐྱེས།
    • བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན།
ལས་བྱེད་གསར་འདེམས་ཟབ་སྦྱོང་།སྐད་ཡིག་ཟབ་སྦྱོང་།

ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུའི་ལས་བྱེད་གསར་འདེམས་རྣམས་ལ་བོད་ཨིན་སྐད་ཡིག་གཙོ་བོར་གྱུར་པའི་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་བ།

༢༠༢༢-༡༡-༠༤

༄༅།། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༠༤ ཉིན་རྡ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་རྣམས་ལ་བོད་ཨིན་སྐད་ཡིག་གཙོ་བོར་གྱུར་པའི་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་ཡོད།

དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་དབུས་འོས་བསྡུ་ལས་ཁུངས་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག ལས་བྱེད་འདེམས་ལྷན་ཚོགས་མི་ཆོས་དབྱིངས་དོན་གྲུབ་ལགས་དང་ན་ག་སངས་རྒྱས་བསྟན་དར་ལགས། ལས་བྱེད་འདེམས་ལྷན་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། སློབ་ཁྲིད་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས། དེ་བཞིན་གསར་འདེམས་སྲི་ཞུ་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར་འདེམས་ལྷན་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་ཕྱེ་གནང་སོང་།

དེ་རྗེས་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་འབྲེལ་ཟབ་སྦྱོང་བ་རྣམས་ནས་རང་ཉིད་ངོ་སྤྲོད་ཞུས་གྲུབ་མཚམས་ལས་བྱེད་འདེམས་ལྷན་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་སློབ་ཁྲིད་པ་དང་སློབ་ཚན་ངོ་སྤྲོད་གནང་བ་དང་སྦྲགས། ཐེངས་འདིའི་ཟབ་སྦྱོང་ནང་དེ་སྔོན་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཟབ་སྦྱོང་མ་ཐོབ་པའི་ལས་བྱེད་གྲངས་ ༡༣ དང་། དེ་བཞིན་ཉེ་ལམ་གསར་འདེམས་བྱུང་བའི་ལས་བྱེད་བཅས་ལ་དམིགས་ཏེ་ཟབ་སྦྱོང་གོ་སྒྲིག་གནང་ཡོད་སྐོར་དང་། ཟབ་སྦྱོང་བ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆགས་ཡོད་སྟབས་དེ་ནི་རང་ཉིད་བོད་མི་ཞིག་ཡིན་པའི་འོས་འགན་ཡིན་པ་མ་ཟད། སྒྲིག་འཛུགས་ནང་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་བྱུང་བ་བསོད་ནམས་ཆེན་པོ་ཡིན་དགོས་སྐོར་གསུངས་རྗེས་འདེམས་ལྷན་ཚོགས་མི་ཆོས་དབྱིངས་དོན་གྲུབ་ལགས་ཀྱིས་ཟབ་སྦྱོང་གི་གལ་གནད་དང་། སྲི་ཞུའི་ལས་བྱེད་ཅིག་ལ་ཚང་དགོས་པའི་ཆ་རྐྱེན་ཇི་དགོས་སྐོར་ལམ་སྟོན་དང་། དེ་བཞིན་འདེམས་ལྷན་ཚོགས་མི་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་སྐད་ཡིག་ལ་ངོས་འཛིན་དང་ལྟ་སྟངས་རྒྱ་ཆེ་ས་ནས་བལྟ་དགོས་པ་མ་ཟད། བོད་དང་ཧི་མ་ལ་ཡའི་སྐད་དེ་དབྱངས་གསལ་སོ་བཞི་ལ་བརྟེན་པའི་སྐད་གཅིག་མཚུངས་ཡིན་པས་སྐད་ཡིག་གཅིག་གྱུར་གྱི་འདུ་ཤེས་སྐྱེད་སྲིང་དགོས་གལ་ཆེ་བ་དང་། འབྱུང་འགྱུར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐད་བར་ཆད་མང་བས་དམིགས་བསལ་དཀའ་ལས་རྒྱག་དགོས་སྐོར་སོགས་ཀྱི་ཐད་གསུང་བཤད་གནང་།

འདེམས་ལྷན་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་བོད་ཀྱི་གནས་སྟངས་ཉག་ཕྲ་བའི་དུས་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས་ཏེ་ཕྱག་ལས་གནང་རྒྱུའི་གོ་སྐབས་བྱུང་བ་བསོད་ནམས་ཆེན་པོ་ཡིན་ཞེས་དང་། སྒྲིག་འཛུགས་ནང་ཞུགས་པའི་སྐབས་བསམ་བློའི་ཁྱེར་གསོ་དང་ཕྱག་ལས་གནང་ཕྱོགས་སྐོར། བཅའ་ཁྲིམས་སུ་གསལ་བའི་བོད་མིའི་ལས་འགན་དང་ཐོབ་ཐང་གཉིས་ལས་ལས་འགན་ཇི་ཡོད་ངོ་སྤྲོད་དང་དེ་དག་ལ་ཐུགས་ཞིབ་གནང་གལ་ཆེ་བ། སྲི་ཞུའི་ལས་བྱེད་ཡིན་པའི་ཆ་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཁག་ལ་བྱང་ཆུབ་པ་དགོས་སྐོར། ལས་བྱེད་ཅིག་ལ་ཚང་དགོས་པའི་ཆ་རྐྱེན་ཇི་དགོས། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་དུ་བོད་མིའི་སྒྲིག་འཛུགས་བསྐྱར་འཛུགས་གནང་པའི་བརྒྱུད་རིམ་སོགས་ཀྱི་སྐོར་ངོ་སྤྲོད་དང་། ཕྱོགས་མཚུངས་གཞོན་སྐྱེས་རྣམས་ནས་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་ཆོས་དང་རིག་གཞུང་ལ་དོ་སྣང་དང་སློབ་གཉེར་གནང་དགོས་པའི་གལ་གནད་སོགས་ཀྱི་ཐད་ལམ་སྟོན་གནང་རྗེས་དབུ་འབྱེད་མཛད་སྒོ་ལེགས་པར་གྲོལ་ཡོད།

བདུན་ཕྲག་གཉིས་རིང་གི་ཟབ་སྦྱོང་སྐབས་གསར་འདེམས་ལས་བྱེད་རྣམས་ལ་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས། གཞུང་འབྲེལ་ཡིག་བཟོ། འཛིན་སྐྱོང་ཐ་སྙད་ངོ་སྤྲོད། བླང་དོར་སྒྲིག་གཞི་ངོ་སྤྲོད། གློག་འཕྲུལ་ཡིག་ཚགས། བཅའ་ཁྲིམས་ངོ་སྤྲོད། བོད་མིའི་སྒྲིག་འཛུགས་ངོ་སྤྲོད། དབུ་མའི་ལམ་ངོ་སྤྲོད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ངོ་སྤྲོད། Soft Skill Training, Inner Engineering སོགས་ཀྱི་སྐོར་སློབ་ཁྲིད་གནང་རྒྱུ་རེད་འདུག་ཅིང་། ཟབ་སྦྱོང་གི་སློབ་ཁྲིད་པར་ན་ག་སངས་རྒྱས་བསྟན་དར་ལགས་དང་། གཙང་ཕྲུག་སྟོབས་ལགས། ཨ་ཤིག་ཇོཧ་རི་ (Dr. Ashish Johri) ལགས། སུ་རཱ་བྷི་པན་ཌེ་ (Dr. Surabhi Pandey) ལགས་བཅས་ཕེབས་འདུག་པ་བཅས།།

RELATED POST

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༤ ཉིན་ལས་བྱེད་གསར་འདེམས་རྣམས་ལ་བོད་ཡིག་གཙོ་གྱུར་འཛིན་སྐྱོང་དང་འབྲེ་བའི་ཟབ་སྦྱོང་དབུ་འཛུགས་གནང་།

༢༠༢༤-༡༡-༠༤

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྡེ་འགན་ཁུངས་ཀྱི་ལས་བྱེད་རྣམས་ལ་ཉེར་མཁོའི་བོད་ཀྱི་སྐད་ཡིག་ཟབ་སྦྱོང་དབུ་འཛུགས་གནང།

༢༠༢༤-༠༡-༠༨

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༤ ནས་ ༢༤ བར་ལས་བྱེད་གསར་འདེམས་རྣམས་ལ་བོད་ཨིན་སྐད་ཡིག་གཙོ་འགྱུར་ཐོག་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས།།

༢༠༢༣-༡༠-༠༥

བཀའ་སློབ་སྙིང་གི་ནོར་བུ།

Community Awareness Program

PAST SAMPLE PAPERS

བོད་ཡིག་དྲི་ཤོག
ཨིན་ཡིག་དྲི་ཤོག
རྩིས་དྲི་ཤོག
དམིགས་བཀར་དྲི་ཤོག

IMPORTANT LINKS

DALAILAMA.COM
BOD.ASIA
TIBET.NET
XIZANG-ZHIYE.ORG
INDIATIBET.NET
TIBETANELECTION.NET

CONTACTS

[email protected]
+321 123 4567
Central Tibetan Administration, Gangchen Kyishong, Dharamshala Cantt, District Kangra, Pin: 176215
2023 Public Service Commission • Privacy Policy • Terms of Service