• མདུན་ཤོག
  • ལས་བྱེད་འདེམས་བསྐོ་ལྷན་ཁང་།
    • ངོ་སྤྲོད།
    • འདེམས་བསྐོ་ལྷན་ཚོགས།
    • འདེམས་ལྷན་ལས་བྱེད།
  • ལས་བྱེད་ངོ་བོ་དང་འདེམས་བསྐོ་བྱ་ལམ།
    • སྤྱི་བཏང་ལས་བྱེད།
    • དམིགས་བསལ་བསྐོ་གཞག
    • ཁྱད་ལས་པ།
    • དམིགས་བཀར།
    • ཆོད་གན།
    • འཕྲལ་སེལ།
    • ཞབས་གཡར།
  • སྒྲིག་གཞི་ཁག
    • ལས་བྱེད་འདེམས་སྒྲུག་གི་སྒྲིག་གཞི།
    • ལས་བྱེད་འདེམས་ལྷན་གི་སྒྲིག་གཞི།
    • ཁྱད་ལས་པ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • ཆོད་གན་དུ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • འཕྲལ་ལས་བཀའ་འཁྲོལ་གྱི་སྒྲིག་གཞི།
    • སློབ་སྦྱོང་གུང་སེང་གཏོང་ཕྱོགས་ཀྱི་སྒྲིག་གཞི།
    • ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི།
  • ལས་བྱེད་ཟབ་སྦྱོང་།
    • ལས་བྱེད་གསར་འདེམས་ཟབ་སྦྱོང་།
    • འགོ་ཁྲིད་དང་། འཛིན་སྐྱོང་ཟབ་སྦྱོང་།
    • སྐད་ཡིག་ཟབ་སྦྱོང་།
    • རྩིས་ཀྱི་ཟབ་སྦྱོང་།
  • གནས་སྤར།
    • རྒན་གཞོན་གྲལ་རིམ་གནས་སྤར།
    • སྒེར་གྱི་གནས་སྤར།
  • རྩ་དགོངས་དང་བགྲེས་ཡོལ།
    • རྩ་དགོངས།
    • བགྲེས་ཡོལ་སྔ་བསྣུར།
    • བགྲེས་ཡོལ།
    • རང་བཞིན་གྱིས་བུད་པ།
  • ལེགས་སྐྱེས་དང་གཟེངས་བསྟོད།
    • ཞབས་ལོ་ཉེར་ལྔའི་ལེགས་སྐྱེས།
    • བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན།
latest News

འདེམས་ལྷན་ཚོགས་གཙོ་མཆོག་གིས་ཝ་ར་ན་སིའི་གསུང་བཤད་དང་གཟིགས་བསྐོར་ལས་རིམ་མཇུག་བསྒྲིལ་གནང་བ།

༢༠༢༥-༡༢-༢༩

ཚེས་ ༢༤ ཉིན་ཝ་ར་ན་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་རིག་བདག་དབང་ཕྱུག་རྡོ་རྗེ་ནེ་གྷི་མཆོག་མཇལ་འཕྲད་དང་། དེ་ནས་ཨ་ཏི་ཤ་ཚོགས་ཁང་དུ་ས་གནས་རང་བདེན་ཚོགས་གཙོ་དགེ་བཤེས་ངག་དབང་བསྟན་འཕེལ་ལགས་དང་རྒྱུན་ལས། སློབ་གཉེར་བའི་རིག་སྡེ་འགན་འཛིན་དགེ་བཤེས་བསྟན་འཛིན་ནོར་བུ་ལགས་བཅས་ལྷན་བཞུགས་ཐོག་གཙུག་ལག་ཁང་གི་སློབ་གཉེར་བ་རྣམས་ལ་གོ་རྟོགས་གསུང་བཤད་ལས་རིམ་དབུ་འཛུགས་གནང་།

 

ལས་རིམ་གྱི་ཐོག་མར་ཝ་ར་ན་སི་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་ཕེབས་བསུ་དང་འདེམས་ལྷན་ཚོགས་གཙོ་མཆོག་གི་ངོ་སྤྲོད་གནང་། དེ་རྗེས་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ནས་གསུང་བཤད་གནང་སྐབས་གཙུག་ལག་སློབ་གཉེར་ཁང་དེ་བཞིན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་བཞིན་རྒྱ་གར་གཞུང་གི་མཐུན་འགྱུར་འོག་གསར་བཙུགས་གནང་སྐོར་དང་། དེ་ནས་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་མི་ཐོག་རྒན་པ་མང་པོ་ཞིག་གིས་སྐུ་ལས་སྐྱོན་པ་ལ་བརྟེན་ནས་གྲུབ་པ་ཞིག་ཆགས་བསྡད་ཡོད་པས། སློབ་གཉེར་བ་རྣམས་ནས་ཉིན་མ་གང་འཁྱོལ་བྱེད་ནས་མ་བསྡད་པར་ཤེས་ཡོན་ཡག་པོ་སྦྱངས་དགོས་པ་དང་མཉམ་དུ་བཟང་སྤྱོད་དང་སྤྱི་སེམས་བརྟན་པོ་དགོས་པའི་སྐུལ་མ་ཡང་གནང།

 

ད་དུང་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་བོད་ནང་རྒྱ་མིའི་གནོན་ཤུགས་ཇི་ཙམ་ཡོད་ཀྱང་བོད་ཀྱི་སྐད་དང་། ཡི་གེ ཆོས་དང་རིག་གཞུང་ལ་འཛིན་པའི་དགའ་ཞེན་དང་སེམས་ཤུགས་ནི་ལྷད་མེད་ཡོད་པ་བཅས་གཞི་རྩར་བཞག་སྟེ་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་གཞོན་སྐྱེས་དེ་ལུགས་གནང་ཕྱོགས་རྒྱུ་མ་ཟད། བོད་དང་ཧི་མ་ལ་ཡའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཡུལ་ལུང་གོམས་སྲོལ་བཅས་པ་ཚང་མ་གཅིག་མཚུངས་ཡིན་སྟབས་བོད་ཕྲུག་དང་ཧི་མ་ལ་ཡའི་གཞོན་སྐྱེས་རྣམས་ནས་དེ་དག་ལ་སྦྱངས་བརྩོན་ཧུར་ཐག་བྱེད་ནས་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་ནན་བསྐུལ་སོགས་ལམ་སྟོན་གནང་ཡོད།

དེ་བཞིན་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དགོངས་དོན་བཞིན་བོད་ཕྲུག་སློབ་གཉེར་བ་རྣམས་ནས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་རྒྱུའི་འདོད་པ་དང་བསམ་བློ་ཡོད་ཚེ་གོ་སྐབས་ཡོད་པ་དང་། སྒྲིག་འཛུགས་ནང་ལས་བྱེད་ཀྱི་སྒྲོམ་གཞི་ངོ་སྤྲོད་དང་། ཡིག་རྒྱུགས་དང་འདེམས་སྒྲུག་ཞུ་ཕྱོགས། འདེམས་རྒྱུགས་སུ་ཞུགས་པར་གཞི་རྩའི་ཆ་རྐྱེན་གང་འདྲ་དགོས་མིན། ལས་ཀའི་ངོ་བོ་དང་གོ་སྐབས་བཅས་པ་ངོ་སྤྲོད་ཞིབ་ཕྲ་གནང་།

 

སྐུ་ངོ་མཆོག་ནས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཕྲུག་གཞོན་སྐྱེས་ཚང་མ་སྲི་ཞུ་བ་ཆགས་མ་ཐུབ་ནའང་། བཀའ་བཞིན་སྒྲུབས་པ་མཆོད་པའི་རྫས་ཞེས་པ་ལྟར་གཞོན་སྐྱེས་རྣམས་ཕྱི་རྒྱལ་ཁོ་ནར་འགྲོ་རྒྱུ་བསམ་བློ་མ་གཏང་བར་བོད་གཞུང་དབུས་དང་། ས་གནས་གཞི་ཆགས། སློབ་གྲྭ་དང་དགོན་སྡེ་ཁག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་གང་འདྲ་ཞིག་ཏུའང་ཕྱག་ལས་གནང་རྒྱུའི་འདུན་པ་དགོས་པ་དང་། དེ་ལྟར་བྱུང་ན་མཐའ་དོན་༸རྒྱལ་བའི་བཀའ་དགོངས་སྒྲུབ་ཐུབ་པ་མ་ཚད། བོད་བསྟན་སྲིད་ལ་ཕན་ཐོགས་བྱེད་ཐུབ་མཁན་གྱི་བོད་མི་བཟང་པོ་ཞིག་ཆགས་ཀྱི་ཡོད་པ་སོགས་བཀའ་སློབ་ལམ་སྟོན་གནང་བ་དང་། དེ་རྗེས་སློབ་མ་ཚོའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཀྱང་གནང་། མཐར་སློབ་ཕྲུག་རིག་སྡེ་འགན་འཛིན་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གསུང་བཤད་ཀྱི་ལས་རིམ་མཇུག་སྒྲིལ་བྱུང་།

 

ཕྱི་ཚེས་ ༢༥ ཉིན་ཞོག་པ་ཕྱག་ཚོད་ ༩།༤༥ ཙམ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ངག་དབང་བསྟན་འཕེལ་ལགས་ལྷན་བཞུགས་ཐོག་ཝ་ར་ན་སི་གཙུག་ལག་སློབ་གཉེར་ཁང་གི་སྡེ་ཚན་དཔེར་ན་དཔེ་མཛོད་ཁང་། སྒྲ་བརྙན་སྡེ་ཚན། ཉམས་ཞིབ་སྡེ་ཚན། འཛིན་གྲྭ དེ་བཞིན་གསོ་རིག་སྡེ་ཚན་བཅས་ལ་གཟིགས་སྐོར་གནང་།

 

ཕྱི་ཚེས་ ༢༨ ཉིན་འདེམས་ལྷན་ཚོགས་གཙོ་མཆོག་ལྡི་ལི་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༩ ཉིན་ལྡི་ལི་ནས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཐོན་གནང་ཡོད། ད་རེས་འདེམས་ལྷན་ཚོགས་གཙོའི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལྷན་དུ་འདེམས་ལྷན་ལས་བྱེད་བསྟན་འཛིན་འབྱུང་གནས་ལགས་ལྷན་བཅར་ཞུས་ཡོད་པ་བཅས། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༢༩ ལ།།

RELATED POST

ལས་བྱེད་འདེམས་ལྷན་ཚོགས་གཙོ་མཆོག་ནས་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་ལྡི་ལིའི་མཐོ་སློབ་ཁག་གི་བོད་ཕྲུག་རྣམས་ལ་གོ་རྟོགས་གསུང་བཤད་ལས་རིམ་ལེགས་པར་བསྒྲུགས་པ།

༢༠༢༥-༡༢-༢༥

བཀའ་སློབ་སྙིང་གི་ནོར་བུ།

https://youtube.com/playlist?list=PLCuAfgwBJqs2QugdSzHi-GJAz-iOZJ8wh

Community Awareness Program

https://youtube.com/playlist?list=PLCuAfgwBJqs0vpIHFB60LZAwIfb2EIOwH

PAST SAMPLE PAPERS

བོད་ཡིག་དྲི་ཤོག
ཨིན་ཡིག་དྲི་ཤོག
རྩིས་དྲི་ཤོག
དམིགས་བཀར་དྲི་ཤོག

IMPORTANT LINKS

DALAILAMA.COM
BOD.ASIA
TIBET.NET
XIZANG-ZHIYE.ORG
INDIATIBET.NET
TIBETANELECTION.NET

CONTACTS

[email protected]
+321 123 4567
Central Tibetan Administration, Gangchen Kyishong, Dharamshala Cantt, District Kangra, Pin: 176215
2023 Public Service Commission • Privacy Policy • Terms of Service