• མདུན་ཤོག
  • ལས་བྱེད་འདེམས་བསྐོ་ལྷན་ཁང་།
    • ངོ་སྤྲོད།
    • འདེམས་བསྐོ་ལྷན་ཚོགས།
    • འདེམས་ལྷན་ལས་བྱེད།
  • ལས་བྱེད་ངོ་བོ་དང་འདེམས་བསྐོ་བྱ་ལམ།
    • སྤྱི་བཏང་ལས་བྱེད།
    • དམིགས་བསལ་བསྐོ་གཞག
    • ཁྱད་ལས་པ།
    • དམིགས་བཀར།
    • ཆོད་གན།
    • འཕྲལ་སེལ།
    • ཞབས་གཡར།
  • སྒྲིག་གཞི་ཁག
    • ལས་བྱེད་འདེམས་སྒྲུག་གི་སྒྲིག་གཞི།
    • ལས་བྱེད་འདེམས་ལྷན་གི་སྒྲིག་གཞི།
    • ཁྱད་ལས་པ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • ཆོད་གན་དུ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • འཕྲལ་ལས་བཀའ་འཁྲོལ་གྱི་སྒྲིག་གཞི།
    • སློབ་སྦྱོང་གུང་སེང་གཏོང་ཕྱོགས་ཀྱི་སྒྲིག་གཞི།
    • ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི།
  • ལས་བྱེད་ཟབ་སྦྱོང་།
    • ལས་བྱེད་གསར་འདེམས་ཟབ་སྦྱོང་།
    • འགོ་ཁྲིད་དང་། འཛིན་སྐྱོང་ཟབ་སྦྱོང་།
    • སྐད་ཡིག་ཟབ་སྦྱོང་།
    • རྩིས་ཀྱི་ཟབ་སྦྱོང་།
  • གནས་སྤར།
    • རྒན་གཞོན་གྲལ་རིམ་གནས་སྤར།
    • སྒེར་གྱི་གནས་སྤར།
  • རྩ་དགོངས་དང་བགྲེས་ཡོལ།
    • རྩ་དགོངས།
    • བགྲེས་ཡོལ་སྔ་བསྣུར།
    • བགྲེས་ཡོལ།
    • རང་བཞིན་གྱིས་བུད་པ།
  • ལེགས་སྐྱེས་དང་གཟེངས་བསྟོད།
    • ཞབས་ལོ་ཉེར་ལྔའི་ལེགས་སྐྱེས།
    • བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན།
ཟབ་སྦྱོང་།

བོད་མིའི་སྒྲིག་འཛུགས་གྱི་འགན་འཛིན་སྡེ་ཚན་ཁོངས་གཏོགས་ཀྱི་སྲི་ཞུའི་ལས་བྱེད་ཁག་གཅིག་ལ་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་བ།

༢༠༢༢-༠༦-༡༨

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༨ ཉིན་རྒྱ་གར་གྱི་རཱཇསྠན་ (Rajasthan) མངའ་སྡེའི་རྒྱལ་ས་ཇཡ་པུར་ནང་རྟེན་གཞི་བྱས་པའི་རེ་ནེ་སི་ཊི་གསོལ་མགྲོན་ཁང་ (Renest Hotel) གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་སྡེ་ཚན་ཁོངས་གཏོགས་ཀྱི་སྲི་ཞུའི་ལས་བྱེད་ཁག་གཅིག་གི་སླད་དུ་འགོ་ཁྲིད་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་སོ་རབ་སཱ་རཱས་བྷཏ་ (Sh. Saurabh Saraswat) ལགས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། ཟབ་སྦྱོང་གི་ཁྱད་སྟོན་མི་སྣ་གཙོ་བོ་ཨ་ཤིཤ་ཇོ་རི་ (Dr. Ashish Johri ) ལགས་སོགས་ཕེབས་ཡོད།

དེ་ཡང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་དབུ་འབྱེད་མཛད་སྒོར་ཕེབས་བསུའི་གསུང་བཤད་གནང་སྐབས་ཟབ་སྦྱོང་གི་གལ་གནད་དང་། མཉམ་ཞུགས་པ་ཡོངས་ཀྱིས་ཟབ་སྦྱོང་གི་སྐབས་སུ་རྣམ་གཡེང་མེད་པར་དོ་སྣང་གནང་སྟེ་སློབ་སྦྱོང་གནང་དགོས་པ་སོགས་ཀྱི་སྐོར་གསུངས་ཡོད། གཞན་ཡང་ཁོང་གིས་ཟབ་སྦྱོང་གྲུབ་རྗེས་མཉམ་ཞུགས་པ་རྣམས་ནས་སོ་སོའི་ལས་ཁུངས་སུ་བརྗོད་གཞི་གང་རུང་ཞིག་གི་ཐོག་སྤྱན་བསྟར་དང་ཉམས་མྱོང་སྤེལ་རེས་གནང་དགོས་པ་སོགས་ཀྱི་སྐོར་གསུངས་ཡོད།

ཟབ་སྦྱོང་གི་ཁྱད་སྟོན་མི་སྣ་གཙོ་བོ་ཨ་ཤིཤ་ཇོ་རི་ (Dr. Ashish Johri ) ལགས་ཀྱིས་འགོ་ཁྲིད་སྦྱོང་བརྡར་བསྟི་གནས་ཁང་ (Synergie HR) ཞེས་པའི་སྐོར་དང་། ཐེངས་འདིའི་འགོ་ཁྲིད་ཟབ་སྦྱོང་གི་སྐོར་ངོ་སྤྲོད་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་སྐུ་ཞབས་སོ་རབ་སཱ་རཱས་བྷཏ་ལགས་ཀྱིས་ལས་ཀ་དང་ཞབས་ཞུ་གཉིས་ཀྱི་ཁྱད་པར་སྐོར་འགྲེལ་བརྗོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་ཡོངས་ནས་བོད་མིའི་ཆབ་སྲིད་ཀྱི་མངོན་འདོད་མ་འགྲུབ་བར་དུ་སྲི་ཞུ་བསྒྲུབ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།

མཐར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདིའི་འགོ་ཁྲིད་ཀྱི་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༡༨ ཉིན་དབུ་འཛུགས་ཀྱིས་ཉིན་གྲངས་དྲུག་རིང་ཚོགས་གཏན་ཁེལ་ཡོད་པ་བཅས།།

RELATED POST

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༤ ཉིན་ལས་བྱེད་གསར་འདེམས་རྣམས་ལ་བོད་ཡིག་གཙོ་གྱུར་འཛིན་སྐྱོང་དང་འབྲེ་བའི་ཟབ་སྦྱོང་དབུ་འཛུགས་གནང་།

༢༠༢༤-༡༡-༠༤

བོད་མི་སྒྲིག་འཛུགས་ལས་བྱེད་གྲངས་༡༩ ལ་སྣེ་ལེན་ཟབ་སྦྱོང་།

༢༠༢༤-༠༩-༠༤

ལས་བྱེད་འདེམས་ལྷན་ནས་ལས་དོན་གཟེངས་ཐོན་དང་བདེ་ཐང་ཆེད་ཚུལ་མཐུན་གཤིས་སྤྱོད་བསྟེན་ཚུལ་ཞེས་པའི་སྦྱོང་བརྡར་དབུ་འཛུགས་གནང་།

༢༠༢༤-༠༨-༠༩

བཀའ་སློབ་སྙིང་གི་ནོར་བུ།

Community Awareness Program

PAST SAMPLE PAPERS

བོད་ཡིག་དྲི་ཤོག
ཨིན་ཡིག་དྲི་ཤོག
རྩིས་དྲི་ཤོག
དམིགས་བཀར་དྲི་ཤོག

IMPORTANT LINKS

DALAILAMA.COM
BOD.ASIA
TIBET.NET
XIZANG-ZHIYE.ORG
INDIATIBET.NET
TIBETANELECTION.NET

CONTACTS

[email protected]
+321 123 4567
Central Tibetan Administration, Gangchen Kyishong, Dharamshala Cantt, District Kangra, Pin: 176215
2023 Public Service Commission • Privacy Policy • Terms of Service