སྲི་ཞུའི་ལས་བྱེད་གསར་འདེམས་གསལ་བསྒྲགས།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཆེད་དུ་ལས་ཁུངས་དོ་དམ་པའི་གནས་རིམ་ཅན་གྱི་རྒྱ་ཡིག་ཚད་འཕེར་གྱི་ལས་བྱེད་ ༡ དགོས་གལ་ལྟར་གསར་འདེམས་ཞུ་རྒྱུ་ལགས་ན། གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༥ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་འཚང་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་བཅས་འདི་གར་འབུལ་ཟིན་པ་དགོས་ཤིང་། འཚང་སྙན་འགེངས་ཤོག་གཤམ་འཁོད་དྲྭ་ཚིགས་ཐོག་དྲྭ་ཐོག་ (online) བརྒྱུད་ནས་ཀྱང་འབུལ་ཆོག་པ་ཡིན།
འདེམས་རྒྱུགས་སུ་ཞུགས་པར་གཞི་རྩའི་ཆ་རྐྱེན་ཚང་དགོས་པ་གཤམ་གསལ།
༡། ཕྱི་ལོ་ ༢༠༢༦།༦།༥ ཉིན་རང་ལོ་ ༡༨ ལས་མི་ཉུང་ཞིང་ ༤༢ ལས་མ་བརྒལ་བ་དགོས།
༢། བོད་མིའི་དྭང་བླངས་དཔྱ་དངུལ་འབུལ་ཆད་མེད་པ།
༣། ཁྲིམས་མཐུན་གནས་སྡོད་ཆོག་པའི་ཡིག་ཆ་ཡོད་པ།
འཚང་སྙན་འབུལ་མཁན་ཡོངས་ནས་ཉེར་མཁོའི་ཡིག་ཆ་ཚང་དགོས་མཉམ་འབུལ་དགོས་པ་ཁག
༡། དྭང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༢། བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང། འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༣། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ཡོད་ན་དང། དེ་མིན་ངོས་འཛིན་འཕེར་ངེས་ཀྱི་ཚད་འཛིན་ཡིག་ཆའི་ངོ་བཤུས།
༤། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༥། སྡེ་ཚན་གང་རུང་གི་ལས་བྱེད་ཡིན་ན་སྡེ་ཚན་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ་དགོས།
༦། གནས་ཡུལ་རྒྱབ་ཁབ་ཏུ་གནས་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆའི་ངོ་བཤུས།
༧། ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི་དོན་ཚན་ ༡༩༼༣༽ དགོངས་དོན་ཤེས་ཚད་ལག་འཁྱེར་ངེས་པར་མི་དགོས་ཤིང་། ལག་འཁྱེར་ཡོད་ན་ཨང་གྲངས་ ༡༠ དམིགས་བསལ་ཐོབ་རྒྱུ།
༨། གོང་གསལ་ཡིག་ཆའི་ངོ་བཤུས་ཚང་མར་འབྲེལ་ཡོད་སྐུ་ཚབ་དོན་གཅོད་དམ། ས་གནས་འགོ་འཛིན་ནམ། ཡང་ན། ཟུང་དྲུང་གནས་རིམ་ཡན་གྱི་ལས་བྱེད་གང་རུང་ཞིག་གི་ཞིབ་འཇུག་གིས་དག་མཆན་མཚན་རྟགས་དང། ལས་དམ་ངེས་པར་འཁོད་དགོས།
རྒྱུགས་གཞི།
༡། བོད་རྒྱ་གཉིས་ཀྱི་སྐད་ཡིག་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
༢། ཡིག་རྒྱུགས་འཕྲོད་པར་རྒྱུགས་གཞི་སོ་སོར་འབྲི་ངག་གཉིས་བསྡོམས་པའི་ཉུང་མཐར་བརྒྱ་ཆ་ ༥༠ ཐམ་པ་ལོན་པ་དགོས་པ་ཡིན།
འཚང་སྙན་འབུལ་མཁན་རྣམས་ནས་ tibet.net འམ་ dhemkolhenkhang.net དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཕབ་ལེན་ནམ་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༥ ཕྱི་དྲོ་ཕྱག་ཚོད་ ༥ ནང་ཚུན་འདི་གར་འབུལ་འབྱོར་ཟིན་གནང་དགོས། དུས་བཀག་རྗེས་སུ་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་གཏོང་རྒྱུ་དང། འོས་ཆོས་ཚང་རིགས་ལ་སྐབས་མཚམས་ཡིག་རྒྱུགས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༦ ཟླ་ ༥ ཚེས་ ༤ ལ།།
Link to online form:
https://forms.gle/dcUQSUT1a8TvaKwr7
Contact address & email:
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Dist. Kangra (H.P)
E-mail: [email protected]
018923-10846
