• མདུན་ཤོག
  • ལས་བྱེད་འདེམས་བསྐོ་ལྷན་ཁང་།
    • ངོ་སྤྲོད།
    • འདེམས་བསྐོ་ལྷན་ཚོགས།
    • འདེམས་ལྷན་ལས་བྱེད།
  • ལས་བྱེད་ངོ་བོ་དང་འདེམས་བསྐོ་བྱ་ལམ།
    • སྤྱི་བཏང་ལས་བྱེད།
    • དམིགས་བསལ་བསྐོ་གཞག
    • ཁྱད་ལས་པ།
    • དམིགས་བཀར།
    • ཆོད་གན།
    • འཕྲལ་སེལ།
    • ཞབས་གཡར།
  • སྒྲིག་གཞི་ཁག
    • ལས་བྱེད་འདེམས་སྒྲུག་གི་སྒྲིག་གཞི།
    • ལས་བྱེད་འདེམས་ལྷན་གི་སྒྲིག་གཞི།
    • ཁྱད་ལས་པ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • ཆོད་གན་དུ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • འཕྲལ་ལས་བཀའ་འཁྲོལ་གྱི་སྒྲིག་གཞི།
    • སློབ་སྦྱོང་གུང་སེང་གཏོང་ཕྱོགས་ཀྱི་སྒྲིག་གཞི།
    • ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི།
  • ལས་བྱེད་ཟབ་སྦྱོང་།
    • ལས་བྱེད་གསར་འདེམས་ཟབ་སྦྱོང་།
    • འགོ་ཁྲིད་དང་། འཛིན་སྐྱོང་ཟབ་སྦྱོང་།
    • སྐད་ཡིག་ཟབ་སྦྱོང་།
    • རྩིས་ཀྱི་ཟབ་སྦྱོང་།
  • གནས་སྤར།
    • རྒན་གཞོན་གྲལ་རིམ་གནས་སྤར།
    • སྒེར་གྱི་གནས་སྤར།
  • རྩ་དགོངས་དང་བགྲེས་ཡོལ།
    • རྩ་དགོངས།
    • བགྲེས་ཡོལ་སྔ་བསྣུར།
    • བགྲེས་ཡོལ།
    • རང་བཞིན་གྱིས་བུད་པ།
  • ལེགས་སྐྱེས་དང་གཟེངས་བསྟོད།
    • ཞབས་ལོ་ཉེར་ལྔའི་ལེགས་སྐྱེས།
    • བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན།
སྤྱིར་བཏང་ཟབ་སྦྱོང་།

བོད་མི་སྒྲིག་འཛུགས་ལས་བྱེད་གྲངས་༡༩ ལ་སྣེ་ལེན་ཟབ་སྦྱོང་།

༢༠༢༤-༠༩-༠༤

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཁག་གི་སྣེ་ལེན་པ་རྣམས་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་ (Indian Institute of Public Administration-IIPA) དུ་སྤྱོད་ཚུལ་དང་འབྲེལ་ལམ་ཞེས་པའི་སྦྱོང་བརྡར་གནང་ཡོད།

དེ་ཡང་སྦྱོང་བརྡར་གྱི་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་སློབ་དཔོན་སུ་ར་བྷི་པཱཾཊེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། རིགས་དྲུང་ཨཱ་མི་ཏཱབྷ་རཾཇན་ལགས་ཀྱིས་བོད་དང་རྒྱ་གར་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་དང་། དུས་ནས་དུས་སུ་འབྲེལ་ལམ་ཞུ་རྒྱུ་གལ་གནད་ཆེན་པོ་ཡིན་པ་གསུངས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་སྦྲགས། དེང་གི་གཅིག་ལ་གཅིག་རྟེན་གྱི་འཛམ་བུ་གླིང་ནང་འབྲེལ་ལམ་གོང་མཐོར་གཏང་རྒྱུ་ནི་སྒེར་དོན་ཙམ་མ་ཡིན་པར་སྤྱི་པའི་ལས་དོན་ལའང་ཧ་ཅང་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་བ་མ་ཟད། ལས་ཀ་བྱ་ཡུལ་དུ་ལས་བྱེད་ཕན་ཚུན་འབྲེལ་ལམ་བཟང་པོ་ཉར་རྒྱུ་ནི་ལས་དོན་སྤུས་ཚད་གོང་མཐོར་དང་། ལས་ཀའི་ཁོར་ཡུག་བཟང་པོ་བསྐྲུན་པར་གནད་འགག་ཆེན་པོ་ཆགས་ཡོད་པ་གསུངས།

རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ཏྲྀ་པཱ་ཋཱི་ལགས་ཀྱིས་གཞན་གྱི་བདེ་སྡུག་ཁུར་ལེན་གྱི་འབྲེལ་ལམ་ལ་གཞི་བཅོལ་ནས་སྤྱི་ཚོགས་ནང་འབྲེལ་ལམ་གྱི་གལ་གནད་དང་དམིགས་ཡུལ་སྐོར་གསུང་བཤད་གནང་།

ཐེངས་འདིའི་སྦྱོང་བརྡར་ནང་སྲི་ཞུའི་ལས་བྱེད་གྲངས་ ༡༩ མཉམ་ཞུགས་གནང་ཡོད་པ་དང་། ཁོང་རྣམས་ལ་ཉན་རྩལ་དང་། ངག་ཐོག་དང་ངག་ཐོག་མ་ཡིན་པའི་འབྲེལ་ལམ། གློག་འཕྲིན་འབྲི་སྟངས། སྤྱོད་ལམ། རྩོད་རྙོག་སྟངས་འཛིན། གྲོས་མོལ་བྱེད་རྩལ། སེམས་ཚོར་གྱི་ཤེས་རབ་སོགས་ཀྱི་སྐོར་སློབ་སྟོན་གནང་ཡོད་པ་བཅས།།

RELATED POST

སྲི་ཞུའི་ལས་བྱེད་པའི་བོད་ཡིག་བསླབ་གཞི་བཟོ་ཕྱོགས་ཀྱི་ཚོགས་འདུ་ཉིན་དང་པོ།

༢༠༢༤-༠༢-༠༡

བཀའ་སློབ་སྙིང་གི་ནོར་བུ།

Community Awareness Program

PAST SAMPLE PAPERS

བོད་ཡིག་དྲི་ཤོག
ཨིན་ཡིག་དྲི་ཤོག
རྩིས་དྲི་ཤོག
དམིགས་བཀར་དྲི་ཤོག

IMPORTANT LINKS

DALAILAMA.COM
BOD.ASIA
TIBET.NET
XIZANG-ZHIYE.ORG
INDIATIBET.NET
TIBETANELECTION.NET

CONTACTS

[email protected]
+321 123 4567
Central Tibetan Administration, Gangchen Kyishong, Dharamshala Cantt, District Kangra, Pin: 176215
2023 Public Service Commission • Privacy Policy • Terms of Service