རྩ་དགོངས།

གཏན་འཇགས་ལས་བྱེད་རྩ་དགོངས་ཞུ་དགོས་རིགས་ཉུང་མཐར་ཉིན་གྲངས་ ༩༠ སྔོན་དགོངས་ཞུའི་སྔོན་བརྡ་སྡེ་ཚན་གང་ཡིན་དེའི་འགན་འཛིན་དང་། འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་གཉེར་དང་སྦྲགས་བཀའ་ཤག་ཏུ་ཕུལ་འབྱོར་ཟིན་པ་དགོས། བཀའ་ཤག་ནས་རྒྱབ་གཉེར་དང་སྦྲགས་འདེམས་ལྷན་དུ་འབུལ་དགོས། ཉིན་གྲངས་ ༩༠ སྔོན་བརྡ་མེད་པར་འཕྲལ་དུ་རྩ་དགོངས་ཞུ་དགོས་བྱུང་ཚེ་སྔོན་བརྡའི་ཉིན་གྲངས་ཇི་ཙམ་མ་འདང་བ་དེའི་དོད་སྐབས་དེའི་སྒང་ཕོགས་ཀྱི་དངུལ་འབབ་འབུལ་དགོས།