འདེམས་བསྐོ་ལྷན་ཚོགས།

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་དོན་འགན་དབང་ཡོད་པའི་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་མི་གཉིས་བཅས་ཡོད། འདེམས་བསྐོའི་ལས་དོན་ཐོག་དགོས་གལ་ནམ་བྱུང་སྐབས་ལྷན་ཚོགས་བསྐྱང་དགོས་ཐོག་རྣམ་ཀུན་ཟླ་རེའི་ནང་ལྷན་འཛོམས་ཐེངས་རེ་ངེས་པར་གནང་དགོས།

ཚོགས་གཙོ་མཆོག་དང་། ཚོགས་མི་རྣམ་པ་འདེམས་བསྐོ་བྱ་ལུགས་ནི། ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། ཚོགས་མིིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། གལ་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། ཚོགས་མི་སུ་རུང་གྲོས་ཚོགས་མ་ཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས། ཚོགས་གཙོ་དང་ཚོགས་མི་རྣམས་ཀྱི་ཡུན་ཚད་ལོ་ལྔའམ་རང་ལོ་དྲུག་བཅུ་རེ་ལྔ་གང་སྔའི་བར་ཡིན།

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་ཡིན་མུས།

འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ།
ཀརྨ་ཡེ་ཤེས།

འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་རིམ་བྱུང་གི་མཚན་གཞུང་།

  • ཟླ་བ་ཚེ་རིང་།                                  ༼   ༡༩༩༡།༩།༡༩ ནས་ ༡༩༩༤།༨།༢༢ ༽
  • བཀྲས་ཁང་རྣམ་རྒྱལ་རྡོ་རྗེ།                 ༼    ༡༩༩༤།༨།༢༦ ནས་ ༢༠༠༤།༨།༢༨ ༽
  • ངམ་དྲུང་བཀྲིས་ཕུན་ཚོགས།                ༼   ༢༠༠༤།༡༠།༥ ནས་ ༢༠༠༩།༡༠།༤ ༽
  • བདེ་ཁང་འཇམ་དཔལ་ཆོས་བཟང་།       ༼    ༢༠༠༩།༡༠།༥ ནས་ ༢༠༡༤།༩།    ༽
  • ཤོ་ཟུར་བསོད་ནམས་ཆོས་འཕེལ།          ༼    ༢༠༡༤།༩།  ནས་ ༢༠༡༩།༡༠།  ༽
  • དཔེ་ཟུར་དབང་འདུས་ཚེ་རིང།            ༼    ༢༠༡༩།༡༠།༧ ནས་ ༢༠༢༤།༦།༣༠ ༽
  • ཀརྨ་ཡེ་ཤེས།                                   ༼   ༢༠༢༤།༨།༢༧ ནས་ཡིན་མུས།༽

འདེམས་བསྐོ་ལྷན་ཁང་གི་ཚོགས་མི་རིམ་བྱུང་གི་མཚན་གཞུང་།

  • སྐལ་བཟང་ཡར་འཕེལ།                       ༼   ༡༩༩༡།༩།༡༩ ནས་ ༡༩༩༡།༡༢།༢༤༽
  • མདོ་བསྔགས་བསྟན་འཛིན།                  ༼   ༡༩༩༡།༩།༡༩ ནས་ ༡༩༩༡།༡༢།༢༤༽
  • ཀི་རྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ།   ༼   ༡༩༩༢།༢།༢༨ ནས་ ༡༩༩༧།༣།༡༩ ༽
  • སྐལ་བཟང་དགྲ་འདུལ།                       ༼   ༡༩༩༢།༢།༢༨ ནས་ ༢༠༠༢།༢།༥ ༽
  • ངག་དབང་རྡོ་རྗེ།                              ༼   ༡༩༩༧།༡།༢༨ ནས་ ༢༠༠༡།༩།༤༽
  • པདྨ་རྡོ་རྗེ།                                      ༼   ༢༠༠༢།༣།༥ ནས་ ༢༠༠༧།༣།༤ ༽
  • ཀརྨ་སྨོན་ལམ།                                 ༼   ༢༠༠༡།༩།༢༥ ནས་ ༢༠༠༤།༢།༢༧༽
  • ལེགས་བཤད་བསྟན་པ།                      ༼    ༢༠༠༤།༨།༡༢ ནས་ ༢༠༠༩།༨།༡༡༽
  • སྦེ་ཚེ་རིང།                                      ༼   ༢༠༠༧།༥།༡༨ ནས་ ༢༠༡༡།༡།༡༩༽
  • དབང་འདུས་ཚེ་རིང།                        ༼   ༢༠༠༩།༨།༡༣ ནས་ ༢༠༡༤།༩༽
  • འཚམས་གདའ་རྡོ་རྗེ།                        ༼   ༢༠༡༡།༧།༡ ནས་ ༢༠༡༦།༦།༣༠༽
  • དངོས་གྲུབ་དབང་འདུས།                   ༼   ༢༠༡༤།༡༠།༦ ནས་ ༢༠༡༨།༧།༡༣༽
  • དྭགས་པོ་སྐལ་བཟང་གཡུ་སྒྲོན།            ༼   ༢༠༡༦།༧།༡ ནས་ ༢༠༢༠།༦།༣༠༽
  • ན་ག་སངས་རྒྱས་བསྟན་དར།              ༼   ༢༠༡༨།༧།༡༨ ནས་ ༢༠༢༣།༧།༡༧༽
  • ཆོས་དབྱིངས་དོན་གྲུབ།                     ༼   ༢༠༢༠།༧།༡ ནས་ ༢༠༢༤།༦།༣༠༽
  • པ་སངས་ཚེ་རིང་།                            ༼   ༢༠༢༤།༧།༥ ནས་ཡིན་མུས།༽
  • ཚུལ་ཁྲིམས་རྡོ་རྗེ།                            ༼   ༢༠༢༤།༡༠།༧ ནས་ཡིན་མུས།༽