ངོ་སྤྲོད།

༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༩ དོན་ཚན་ ༡༠༠ ཐམ་པའི་དགོངས་དོན་དང་། དེ་བཞིན་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཡན་ལག་དང་བཅས་པ་གསར་གཏོད་གཏན་འབེབས་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་སྡེ་ཚན་དང་། ལས་བྱའི་སྡེ་ཚན་གྱི་ལས་བྱེད་འདེམས་བསྐོའི་སླད་རང་དབང་ལྡན་པའི་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ཤིག་དགོས་གལ་ཡོད་པ་བཞིན། ཕྱོ་ལོ་ ༡༩༩༢ ཟླ་ ༢ ཚེས་ ༡༡ ནས་འདེམས་བསྐོའི་ལས་དོན་དངོས་སུ་འགོ་འཛུགས་གནང་།