• མདུན་ཤོག
  • ལས་བྱེད་འདེམས་བསྐོ་ལྷན་ཁང་།
    • ངོ་སྤྲོད།
    • འདེམས་བསྐོ་ལྷན་ཚོགས།
    • འདེམས་ལྷན་ལས་བྱེད།
  • ལས་བྱེད་ངོ་བོ་དང་འདེམས་བསྐོ་བྱ་ལམ།
    • སྤྱི་བཏང་ལས་བྱེད།
    • དམིགས་བསལ་བསྐོ་གཞག
    • ཁྱད་ལས་པ།
    • དམིགས་བཀར།
    • ཆོད་གན།
    • འཕྲལ་སེལ།
    • ཞབས་གཡར།
  • སྒྲིག་གཞི་ཁག
    • ལས་བྱེད་འདེམས་སྒྲུག་གི་སྒྲིག་གཞི།
    • ལས་བྱེད་འདེམས་ལྷན་གི་སྒྲིག་གཞི།
    • ཁྱད་ལས་པ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • ཆོད་གན་དུ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • འཕྲལ་ལས་བཀའ་འཁྲོལ་གྱི་སྒྲིག་གཞི།
    • སློབ་སྦྱོང་གུང་སེང་གཏོང་ཕྱོགས་ཀྱི་སྒྲིག་གཞི།
    • ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི།
  • ལས་བྱེད་ཟབ་སྦྱོང་།
    • ལས་བྱེད་གསར་འདེམས་ཟབ་སྦྱོང་།
    • འགོ་ཁྲིད་དང་། འཛིན་སྐྱོང་ཟབ་སྦྱོང་།
    • སྐད་ཡིག་ཟབ་སྦྱོང་།
    • རྩིས་ཀྱི་ཟབ་སྦྱོང་།
  • གནས་སྤར།
    • རྒན་གཞོན་གྲལ་རིམ་གནས་སྤར།
    • སྒེར་གྱི་གནས་སྤར།
  • རྩ་དགོངས་དང་བགྲེས་ཡོལ།
    • རྩ་དགོངས།
    • བགྲེས་ཡོལ་སྔ་བསྣུར།
    • བགྲེས་ཡོལ།
    • རང་བཞིན་གྱིས་བུད་པ།
  • ལེགས་སྐྱེས་དང་གཟེངས་བསྟོད།
    • ཞབས་ལོ་ཉེར་ལྔའི་ལེགས་སྐྱེས།
    • བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན།
ལེགས་སྐྱེས་དང་གཟེངས་བསྟོད།

༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་བཞི་ལ་ལེགས་སྐྱེས་ཕྱག་རྟགས་གནང་བ།

༢༠༢༢-༠༧-༠༦

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་བཞི་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་ཡོད།

༡། ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་ནི། ཕྱི་ལོ་ ༡༩༩༥ ཟླ་ ༠༩ ཚེས་ ༡༥ ཉིན་ནས་དྲུང་ལས་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གིས་བདེ་སྲུང་ཉམས་ཞིབ་ཁང་གི་ཚོད་ལྟའི་དྲུང་ལས་སུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༦ ཟླ་ ༠༤ ཚེས་ ༣༠ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༩ ཟླ་ ༠༢ ཚེས་ ༢༤ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༢ ཟླ་ ༠༢ ཚེས་ ༠༨ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༠༦ ཚེས་ ༠༢ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་ ༠༩ ཚེས་ ༠༣ ནས་ཕྱི་ལོ་ ༢༠༠༩ ཟླ་ ༠༨ ཚེས་ ༠༩ བར་གཞུང་འབྲེལ་མིན་པའི་སློབ་བསྐྱོད། ཕྱི་ལོ་ ༢༠༠༩ ཟླ་ ༠༨ ཚེས་ ༡༠ ནས་བཀའ་དྲུང་ཡིག་ཙང་གི་ཟུང་དྲུང་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༠༧ ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༠༩ ཚེས་ ༠༦ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༢༧ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༠༨ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་དང་འབྲེལ་དཔལ་འབྱོར་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་ ༠༧ ཚེས་ ༠༡ ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།

༢༽ ལས་བྱེད་འདེམས་ལྷན་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༥ ཟླ་ ༠༩ ཚེས་ ༡༢ ཉིན་ནས་དྲུང་ལས་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གིས་ཆོས་རིག་ལས་ཁུངས་ཀྱི་ཚོད་ལྟའི་དྲུང་ལས་སུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༢༦ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༩ ཟླ་ ༠༢ ཚེས་ ༡༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༥ ཟླ་ ༠༦ ཚེས་ ༠༡ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༧ ཟླ་ ༠༤ ཚེས་ ༡༠ ནས་ཟླ་བ་གསུམ་དང་ཉིན་གྲངས་བཞི་རིང་གཞུང་འབྲེལ་མིན་པའི་སློབ་བསྐྱོད། ཕྱི་ལོ་ ༢༠༠༧ ཟླ་ ༠༧ ཚེས་ ༡༦ ནས་དཔལ་འབྱོར་ལས་ཁུངས་སུ་ཟུང་དྲུང་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༠༧ ཟླ་ ༠༩ ཚེས་ ༠༥ ནས་ཕྱི་ལོ་ ༢༠༠༨ ཟླ་ ༠༨ ཚེས་ ༡༠ བར་གཞུང་འབྲེལ་མིན་པའི་སློབ་བསྐྱོད། ཕྱི་ལོ་ ༢༠༠༨ ཟླ་ ༠༨ ཚེས་ ༡༡ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༡༢ ཟླ་ ༠༥ ཚེས་ ༠༡ ནས་བོད་ཀྱི་ཟློས་གར་ཡིག་ཚང་གི་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༠༩ ཚེས་ ༠༥ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༤ ཟླ་ ༠༩ ཚེས་ ༡༢ ནས་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་ ༠༨ ཚེས་ ༠༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༠༦ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༡༩ ཟླ་ ༠༥ ཚེས་ ༠༦ ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེར་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།

༣། སྒང་ཏོག་ས་གནས་འགོ་འཛིན་དྲུང་གཞོན་ཆུ་བསམ་ལྷག་པ་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༡༩ ཉིན་ནས་ལས་དྲུང་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གིས་ཀུ་ལུ་བདེ་དོན་ལས་ཁུངས་ཀྱི་ཚོད་ལྟའི་ལས་དྲུང་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༨ ཟླ་ ༠༧ ཚེས་ ༢༡ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༠༩ ཚེས་ ༡༥ ནས་མན་སྤར་མཉམ་སྦྲེལ་རྩིས་པར་གནས་སྤོས། ཕྱི་ལོ་ ༡༩༩༨ ཟླ་ ༡༢ ཚེས་ ༢༣ ནས་མན་སྤར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༠༢ ཚེས་ ༡༦ ནསཧར་སྤུར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༡ ཟླ་ ༡༠ ཚེས་ ༣༠ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་མོན་གྷོ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་ ༠༡ ཚེས་ ༣༡ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༠༡ ནས་ཤི་ལོང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༠༧ ཚེས་ ༠༩ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༣ ཟླ་ ༠༡ ཚེས་ ༡༠ ནས་ཀུ་ལུ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་ ༠༥ ཚེས་ ༣༠ ནས་སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༩ ནས་མོན་གྷོ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༩ ཟླ་ ༠༥ ཚེས་ ༠༧ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་ལས་བྱེད་ལས་དོན་གཟེངས་ཐོན་བྱུང་བར་ལོ་གཅིག་གི་ཞབས་ལོ་འཕར་མ་གསོལ་སྩལ། ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༡༨ ནས་སྒང་ཏོག་ས་གནས་འགོ་འཛིན་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།

༤། ལྡི་ལི་ས་གནས་འགོ་འཛིན་དྲུང་ལས་རྡོ་རྗེ་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༡༥ ཉིན་ནས་གཞོན་དྲུང་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གིས་ཤར་ཁུམ་བཟོ་གཞིས་ལས་ཁང་གི་ཚོད་ལྟའི་ལས་དྲུང་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༨ ཟླ་ ༠༧ ཚེས་ ༠༧ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༡ ཟླ་ ༠༢ ཚེས་ ༠༡ ནས་རྒན་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༢ ཟླ་ ༠༣ ཚེས་ ༡༥ ནས་ཕྱི་དྲིལ་ལས་ཁུངས་ཀྱི་རྒན་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༠༣ ཚེས་ ༡༧ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ཕྱི་དྲིལ་ཁྱབ་ཁོངས་སྣར་ཐང་པར་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༠༢ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༣ ཟླ་ ༠༩ ཚེས་ ༠༥ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ཕྱི་དྲིལ་ལས་ཁུངས་ཀྱི་སྡེ་འགན། ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༠༦ ཉིན་ལས་བྱེད་ལས་དོན་གཟེངས་ཐོན་བྱུང་བར་ལོ་གཅིག་གི་ཞབས་ལོ་འཕར་མ་གསོལ་སྩལ། ཕྱི་ལོ་ ༢༠༢༡ ཟླ་ ༠༢ ཚེས་ ༠༣ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༨ ནས་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས་ཡིན་པ་བཅས། །

RELATED POST

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བགྲེས་ཡོལ་རྣམས་དང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ། སྲིད་ཟུར་བཅས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་གསོལ་སྩལ་གནང་བའི་འདྲ་པར་ཁག

༢༠༢༣-༠༤-༡༨

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲི་ཞུའི་ལས་བྱེད་བགྲེས་ཡོལ་ཕེབས་མཁན་བཅུ་བཞིར་སྲོང་བཙན་སྒམ་པོའི་སྐུ་བརྙན་གསོལ་སྩལ་མཛད་པ།

༢༠༡༩-༠༧-༠༧

ད་བར་བགྲེས་ཡོལ་ཕེབས་མཁན་སྲི་ཞུའི་ལས་བྱེད་ཁྱོན་མི་གྲངས་ ༢༧༠ ཙམ་ལ་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་ཕུལ་ཟིན།

༢༠༡༨-༠༥-༠༣

བཀའ་སློབ་སྙིང་གི་ནོར་བུ།

Community Awareness Program

PAST SAMPLE PAPERS

བོད་ཡིག་དྲི་ཤོག
ཨིན་ཡིག་དྲི་ཤོག
རྩིས་དྲི་ཤོག
དམིགས་བཀར་དྲི་ཤོག

IMPORTANT LINKS

DALAILAMA.COM
BOD.ASIA
TIBET.NET
XIZANG-ZHIYE.ORG
INDIATIBET.NET
TIBETANELECTION.NET

CONTACTS

[email protected]
+321 123 4567
Central Tibetan Administration, Gangchen Kyishong, Dharamshala Cantt, District Kangra, Pin: 176215
2023 Public Service Commission • Privacy Policy • Terms of Service