• མདུན་ཤོག
  • ལས་བྱེད་འདེམས་བསྐོ་ལྷན་ཁང་།
    • ངོ་སྤྲོད།
    • འདེམས་བསྐོ་ལྷན་ཚོགས།
    • འདེམས་ལྷན་ལས་བྱེད།
  • ལས་བྱེད་ངོ་བོ་དང་འདེམས་བསྐོ་བྱ་ལམ།
    • སྤྱི་བཏང་ལས་བྱེད།
    • དམིགས་བསལ་བསྐོ་གཞག
    • ཁྱད་ལས་པ།
    • དམིགས་བཀར།
    • ཆོད་གན།
    • འཕྲལ་སེལ།
    • ཞབས་གཡར།
  • སྒྲིག་གཞི་ཁག
    • ལས་བྱེད་འདེམས་སྒྲུག་གི་སྒྲིག་གཞི།
    • ལས་བྱེད་འདེམས་ལྷན་གི་སྒྲིག་གཞི།
    • ཁྱད་ལས་པ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • ཆོད་གན་དུ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།
    • འཕྲལ་ལས་བཀའ་འཁྲོལ་གྱི་སྒྲིག་གཞི།
    • སློབ་སྦྱོང་གུང་སེང་གཏོང་ཕྱོགས་ཀྱི་སྒྲིག་གཞི།
    • ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི།
  • ལས་བྱེད་ཟབ་སྦྱོང་།
    • ལས་བྱེད་གསར་འདེམས་ཟབ་སྦྱོང་།
    • འགོ་ཁྲིད་དང་། འཛིན་སྐྱོང་ཟབ་སྦྱོང་།
    • སྐད་ཡིག་ཟབ་སྦྱོང་།
    • རྩིས་ཀྱི་ཟབ་སྦྱོང་།
  • གནས་སྤར།
    • རྒན་གཞོན་གྲལ་རིམ་གནས་སྤར།
    • སྒེར་གྱི་གནས་སྤར།
  • རྩ་དགོངས་དང་བགྲེས་ཡོལ།
    • རྩ་དགོངས།
    • བགྲེས་ཡོལ་སྔ་བསྣུར།
    • བགྲེས་ཡོལ།
    • རང་བཞིན་གྱིས་བུད་པ།
  • ལེགས་སྐྱེས་དང་གཟེངས་བསྟོད།
    • ཞབས་ལོ་ཉེར་ལྔའི་ལེགས་སྐྱེས།
    • བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན།
སྐད་ཡིག་ཟབ་སྦྱོང་།

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྡེ་འགན་ཁུངས་ཀྱི་ལས་བྱེད་རྣམས་ལ་ཉེར་མཁོའི་བོད་ཀྱི་སྐད་ཡིག་ཟབ་སྦྱོང་དབུ་འཛུགས་གནང།

༢༠༢༤-༠༡-༠༨

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༨ རེས་གཟའ་ཟླ་བའི་ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་སྡེ་ཚན་ཁོངས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་ཉེར་མཁོའི་བོད་ཀྱི་སྐད་ཡིག་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩ ཙམ་ལ་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དང་། འདེམས་ལྷན་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། དེ་བཞིན་ཟབ་ཁྲིད་པ་རྣམ་པ། ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་ཟབ་སྦྱོང་འདིའི་དགོས་དམིགས་དང་གལ་གནད་སྐོར་གསུང་སྐབས་སྲི་ཞུའི་ལས་བྱེད་རྣམ་པའི་བོད་ཀྱི་སྐད་ཡིག་གོང་མཐོར་གཏོང་རྒྱུར་དམིགས་ཏེ་ཟབ་སྦྱོང་གོ་སྒྲིག་གནང་བ་ཡིན་སྐོར་གསུངས་ཞིང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་གལ་སྐོར་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།
སྤྱིར་ཕྱི་ཚེས་ ༨ ནས་ ༡༣ བར་ཉིན་གྲངས་དྲུག་གི་རིང་གོ་སྒྲིག་ཞུས་པའི་ཉེར་མཁོའི་བོད་ཡིག་ཟབ་སྦྱོང་འདིའི་ཐོག་དྲུང་ལས་ནས་ཟུང་དྲུང་བར་གྱི་སྲི་ཞུའི་ལས་བྱེད་ཁྱོན་ ༡༦ མཉམ་ཞུགས་གནང་འདུག་པ་དང་། ཁོང་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་། གཞུང་འབྲེལ་ཡིག་བཟོ། སུམ་རྟགས། བཅའ་ཁྲིམས་སྐོར་ཟབ་ཁྲིད་གནང་གི་ཡོད་པ་རེད་འདུག་པ་བཅས།།

RELATED POST

སྲི་ཞུའི་ལས་བྱེད་རྣམས་ལ་དམིགས་པའི་ཉེར་མཁོའི་བོད་ཡིག་ཟབ་སྦྱོང་དབུ་འཛུགས་གནང་བ།

༢༠༢༣-༠༨-༠༨

ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུའི་ལས་བྱེད་གསར་འདེམས་རྣམས་ལ་བོད་ཨིན་སྐད་ཡིག་གཙོ་བོར་གྱུར་པའི་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་བ།

༢༠༢༢-༡༡-༠༤

བཀའ་སློབ་སྙིང་གི་ནོར་བུ།

Community Awareness Program

PAST SAMPLE PAPERS

བོད་ཡིག་དྲི་ཤོག
ཨིན་ཡིག་དྲི་ཤོག
རྩིས་དྲི་ཤོག
དམིགས་བཀར་དྲི་ཤོག

IMPORTANT LINKS

DALAILAMA.COM
BOD.ASIA
TIBET.NET
XIZANG-ZHIYE.ORG
INDIATIBET.NET
TIBETANELECTION.NET

CONTACTS

[email protected]
+321 123 4567
Central Tibetan Administration, Gangchen Kyishong, Dharamshala Cantt, District Kangra, Pin: 176215
2023 Public Service Commission • Privacy Policy • Terms of Service