རང་བཞིན་གྱིས་བུད་པ།

ལས་བྱེད་སུ་ཞིག་གུང་སེང་བཀའ་འཁྲོལ་མེད་པར་རང་མཚམས་ལས་བཅར་མ་ཞུས་པར་མུ་མཐུད་ཉིན་གྲངས་ ༣༠ བསྡད་པ་ཡིན་ན་ལས་བྱེད་ནས་རང་བཞིན་གྱིས་བུད་པ་ཡིན་པ་དང་། དེ་བཞིན་གཞུང་འབྲེལ་དང་། གཞུང་འབྲེལ་མིན་པའི་སློབ་སྦྱོང་གི་གུང་གསེང་བཀའ་འཁྲོལ་ཐོབ་པའི་ལས་བྱེད་སུ་ཞིག་དགོངས་པ་ཞུས་འཁྲོལ་སོང་བའི་དམིགས་ཡུལ་གཞིར་བཟུང་སློབ་སྦྱོང་མཇུག་སྐྱེལ་མ་བྱས་པར་ཉིན་གྲངས་ ༣༠ ནང་ཚུན་ལས་བཅར་མ་ཞུས་ན་རང་བཞིན་གྱིས་བུད་པ་ཡིན།