འཕྲལ་སེལ།

ལས་བྱའི་སྡེ་ཚན་གྱི་ལས་བྱེད་ས་མིག་སྟོང་པ་ལུགས་མཐུན་གྱིས་བསྐང་རྒྱུར་ཟླ་བ་གཅིག་ལྷག་འགོར་རྒྱུན་ཡོང་གཞི་ཡོད་ན་གནས་ཚད་ཚང་བའི་འཕྲལ་སེལ་ལས་བྱེད་ས་མིག་གང་ཡིན་དེའི་ཕོགས་རིམ་ཐོག་ཟླ་བ་གསུམ་ལས་མ་བརྒལ་བའི་དུས་ཡུན་རིང་སྡེ་ཚན་སོ་སོའི་འགན་འཛིན་གྱིས་བསྐོ་གཞག་བྱ་འཐུས། ཟླ་བ་གསུམ་ལས་བརྒལ་བའི་དུས་ཡུན་རིང་བསྐོ་གཞག་བྱ་དགོས་རིགས་འོས་མིའི་ཤེས་ཚད་ལོ་རྒྱུས་ཞིབ་བཀོད་ཀྱིས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བཀའ་འཁྲོལ་ཞུ་དགོས། འཕྲལ་སེལ་ལས་བྱེད་རྣམས་ལས་བྱའི་སྡེ་ཚན་གྱི་གནས་རིམ་ཐོག་མ་གཏོགས་འགན་འཛིན་སྡེ་ཚན་གྱི་གནས་རིམ་ཐོག་བསྐོ་གཞག་མི་ཆོག དེ་ཡང་ཁྱོན་བསྡོམས་ཟླ་བ་ ༡༢ ལས་བརྒལ་བའི་དུས་ཡུན་རིང་བསྐོ་གཞག་མི་ཆོག

འཕྲལ་ལས་བཀའ་འཁྲོལ་གི་སྒྲིག་གཞི།