བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་རྒྱུན་ཞབས་ལོ་ ༢༠ ཧྲིལ་པོ་ལོན་རྗེས་ལུགས་མཐུན་བགྲེས་ཡོལ་ཕེབས་མཁན་རྣམས་ལ་འདི་ནས་རྗེས་དྲན་ལེགས་སོའི་ཚུལ་དུ་ཕྱག་འཁྱེར་དང། བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་བྱིན་ཅན་རེ་བཅས་འབུལ་སྲོལ་ཡོད་པ་ལྟར། དུས་ཚེས་ངེས་མེད་ཐོག་འདི་ལྷན་ནས་བརྡ་ལན་ཕུལ་མཚམས་བཞུགས་སྒར་དུ་ངོ་བཅར་ཐུབ་མཁན་རིགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་མཛད་ཁོམས་ནམ་བྱུང་ལ་གསོལ་སྩལ་སྐྱབས་འཇུག་ཞུ་ཡི་ཡོད་པ་དང། འོན་ཀྱང་དུས་ཚེས་ངེས་མེད་ངོ་བཅར་ཐུབ་རེ་མེད་པའམ། ཡང་ན་དོ་བདག་གམ་ངོ་ཚབ་བརྒྱུད་བཞེས་འདོད་ཡོད་རིགས་རྣམས་ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ནོ་ལྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པའི་གཞུང་འབྲེལ་དུས་ཆེན་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གནང་ལམ་ཡོད།