བགྲེས་ཡོལ།

འགན་འཛིན་སྡེ་ཚན་དང་། ལས་བྱའི་སྡེ་ཚན་གྱི་ལས་བྱེད་རྣམས་རང་ལོ་དྲུག་ཅུ་རེ་གཉིས་ཧྲིལ་པོར་ལོན་མཚམས་བགྲེས་ཡོལ་འགྲོ་དགོས། ལས་བྱེད་འདེམས་ལྷན་ནས་ལོ་ལྟར་ཕྱི་ཟླ་དང་པོ་དང་བདུན་པའི་བདུན་ཕྲག་དང་པོའི་ནང་ཟླ་དྲུག་ནང་ཚུན་ལས་བྱེད་བགྲེས་ཡོལ་ཐོན་རན་ཇི་ཡོད་དང་། བགྲེས་ཡོལ་སྔ་བསྣུར་ཞུ་མཁན་ཇི་ཡོད་ཀྱི་མིང་གཞུང་བཀོད་དེ་སྔོན་ཚུད་ནས་བཀའ་ཤག་ཏུ་འབུལ་དགོས།