སྲི་ཞུའི་ལས་བྱེད་གསར་འདེམས་གསལ་བསྒྲགས།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་བལ་ཡུལ་དུ་ཡོད་པའི་ལས་ཁུངས་ཆེད་དུ་གནས་རིམ་དྲུང་གཞོན ༡ དང་། དྲུང་གཞོན་ལས་རོགས ༡། ལས་དྲུང་ ༡ བཅས་ལས་བྱེད་གྲངས་ ༣ གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༥ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་འཚང་སྙན་འགེངས་ཤོག་ཞིབ་བཀང་དང་དགོས་མཁོའི་ཡིག་ཆ་ཁག་འབུལ་ཟིན་པ་དགོས། གཤམ་འཁོད་དྲྭ་ཚིགས་ནས་ཐད་ཀར་དྲྭ་ཐོག་ (online) ནས་ཀྱང་འབུལ་ཆོག་པ་ཡིན། རྒྱུགས་གཞི་བོད་ཨིན་གཉིས་ཀྱི་སྐད་ཡིག་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ། ཡིག་རྒྱུགས་འཕྲོད་པར་རྒྱུགས་གཞི་སོ་སོར་འབྲི་ངག་གཉིས་བསྡོམས་པའི་ཉུང་མཐར་བརྒྱ་ཆ་ ༥༠ ཐམ་པ་ལོན་དགོས་པ་ཡིན།
འདེམས་རྒྱུགས་སུ་ཞུགས་པར་གཞི་རྩའི་ཆ་རྐྱེན་ཚང་དགོས་པ་གཤམ་གསལ།
ཀ། དྲུང་གཞོན་ས་མིག་ཏུ།
༡། དྲུང་གཞོན་ཀྱི་གནས་རིམ་དུ་ཞུགས་པར་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༥ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༢། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡིན་མུས་ཐོག་ཞབས་ལོ་ ༦ ཧྲིལ་པོ་ལས་མྱོང་ཡོད་པ་ཞིག་དགོས།
༣། ཚད་ལྡན་མཐོ་སློབ་ཁང་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (Bachelor’s Degree) ཐོན་པའམ། ཡང་ན་དེ་དང་མཉམ་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་དགོས།
༤། བོད་མིའི་དྭང་བླངས་དཔྱ་དངུལ་འབུལ་ཆད་མེད་པ།
༥། ཁྲིམས་མཐུན་གནས་སྡོད་ཆོག་པའི་ཡིག་ཆ་ཡོད་པ།
ཁ དྲུང་གཞོན་ལས་རོགས་ཀྱི་ས་མིག་ཏུ།
༡། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༥ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མི་བརྒལ་བ་དགོས།
༢། སྡེ་ཚན་གང་རུང་ནང་འཛིན་སྐྱོང་གི་ལས་མྱོང་ལོ་ ༤ ཧྲིལ་པོ་ཡོད་དགོས།
༣། ཚད་ལྡན་མཐོ་སློབ་ཁང་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (Bachelor’s Degree) ཐོན་པའམ། ཡང་ན་དེ་དང་མཉམ་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་དགོས།
༤། བོད་མིའི་དྭང་བླངས་དཔྱ་དངུལ་འབུལ་ཆད་མེད་པ།
༥། ཁྲིམས་མཐུན་གནས་སྡོད་ཆོག་པའི་ཡིག་ཆ་ཡོད་པ།
ག ལས་དྲུང་ས་མིག་ཏུ།
༡། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༥ ཉིན་རང་ལོ་ ༡༨ ལས་མི་ཉུང་ཞིང་ ༤༢ ལས་མི་བརྒལ་བ་དགོས།
༢། ཚད་ལྡན་མཐོ་སློབ་ཁང་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (Bachelor’s Degree) ཐོན་པའམ། ཡང་ན་དེ་དང་མཉམ་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་དགོས།
༣། བོད་མིའི་དྭང་བླངས་དཔྱ་དངུལ་འབུལ་ཆད་མེད་པ།
༤། ཁྲིམས་མཐུན་གནས་སྡོད་ཆོག་པའི་ཡིག་ཆ་ཡོད་པ།
གོང་གསལ་གཞི་རྩའི་ཆ་རྐྱེན་ཁག་དང་ལྷན་དུ་འབུལ་དགོས་ཡིག་ཆ་ཁག
༡། དྭང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༢། བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང། འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༣། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ཡོད་ན་དང། དེ་མིན་རང་ལོ་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་ངོ་བཤུས།
༤། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༥། སྡེ་ཚན་གང་རུང་གི་གཏན་འཇགས་ལས་བྱེད་ཡིན་ན་སྡེ་ཚན་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ་དགོས།
༦། གནས་ཡུལ་རྒྱབ་ཁབ་ཏུ་གནས་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆའི་ངོ་བཤུས།
༧། གོང་གསལ་ཡིག་ཆའི་ངོ་བཤུས་ཚང་མར་འབྲེལ་ཡོད་སྐུ་ཚབ་དོན་གཅོད་དམ། ས་གནས་འགོ་འཛིན་ནམ། ཡང་ན། ཟུང་དྲུང་གནས་རིམ་ཡན་གྱི་ལས་བྱེད་གང་རུང་ཞིག་གི་ཞིབ་འཇུག་གིས་དག་མཆན་མཚན་རྟགས་དང། ལས་དམ་ངེས་པར་འཁོད་དགོས།
འཚང་སྙན་འབུལ་མཁན་རྣམས་ནས་ tibet.net འམ་ dhemkolhenkhang.net དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཕབ་ལེན་ནམ་དྲྭ་ཐོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༥ ཕྱི་དྲོ་ཕྱག་ཚོད་ ༥ གོང་འདི་གར་འབུལ་འབྱོར་ཟིན་པ་དགོས་ཤིང། དུས་བཀག་རྗེས་སུ་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་གཏོང་རྒྱུ་དང། འོས་ཆོས་ཚང་རིགས་ལ་སྐབས་མཚམས་འདི་ནས་ཡིག་རྒྱུགས་ཀྱི་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༦ ཟླ་ ༥ ཚེས་ ༤ ལ།།
འགེངས་ཤོག་འདྲ་མཐུད། ༼ Online Application Form ༽
https://forms.gle/xk4x2gBByvCg9w5B6
Contact address & email :
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Dist. Kangra (H.P)
E-mail: [email protected]
018923-10846
