ཁྱད་ལས་པ།

ལས་ཁུངས་གང་ཞིག་ཏུ་ཁྱད་ལས་ཀྱི་ལས་རིགས་གཏན་འཇགས་སུ་དགོས་མཁོ་ཡོད་པའི་ལས་དོན་ངེས་ཅན་ཞིག་སླད་ཁྱད་ལས་པ་བསྐོ་གཞག་དགོས་གལ་བྱུང་ཚེ། ལས་ཁུངས་སོ་སོས་ལས་དོན་གྱི་ངོ་བོ་དང་དགོས་མཁོ་ཇི་ཆགས། ཤེས་ཚད་དང་ཉམས་མྱོང་གི་ཆ་རྐྱེན་ཇི་དགོས་འཆར་འབུལ་བྱུང་བསྟུན། བཀའ་ཤག་ནས་ཞིབ་འཇུག་གིས་རྒྱབ་གཉེར་བྱས་ཚེ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་སྒྲིག་གཞི་གཞིར་བཟུང་བསྐོ་གཞག་བྱ་རྒྱུ། ཁྱད་ལས་པ་འདི་རིགས་བཟློག་མེད་ཀྱི་རྒྱུ་མཚན་ཡོད་ན་མ་གཏོགས་བཀའ་ཤག་ཏིས་འབྲེལ་མེད་ལས་དོན་གཞན་ཐོག་གནས་སྤོས་སམ། འཛིན་སྐྱོང་གི་འགན་དབང་བསྐུར་མ་དགོས་པ་གཙོ་འདོན་བྱེད་དགོས། ཁྱད་ལས་ལས་བྱེད་ཀྱི་ཚོད་ལྟའི་དུས་ཡུན་ལོ་གཅིག་དང་། གནས་སྤར་ལོ་བདུན་རེའི་མཚམས་ནས་མ་གཏོགས་མེད་པ་ཡིན།

ཁྱད་ལས་པ་བསྐོ་ཕྱོགས་ཀྱི་སྒྲིག་གཞི།